欢乐童谣-李毛卓玛 无损flac下载 mp3下载
欢乐童谣-李毛卓玛 在线试听 歌词免费下载
བྱིས་པའི་སྐྱིད་གླུ།
欢乐童谣
ཚིག གཙང་བ་སྐལ་བཟང་ཡེ་ཤེས།
词:格桑益西
དབྱངས། གླིང་རྒྱལ་འཆི་མེད་ཚེ་རིང་།
曲:郎甲曲迈才让
ལེན་མཁན། ཀླུ་མོ་སྒྲོལ་མ།
唱:李毛卓玛
རྡེའུ་དཀར་ནག་བསྒྲིགས་ནས་ཟོག་ཞིག་འཚོས།།
放牧石子堆起的牛羊
རྩྭ་རྩི་ཏོག་བརྩིགས་ནས་རྒྱུ་ཞིག་བསགས།།
积攒草木捆绑的财富
རྡོ་ལེབ་མ་གཉིས་ལ་་མགྲོན་བསུ་བྱས།།
喜迎由石而造的远客
ང་བྱིས་པའི་རྩེད་ར་ནོར་གྱིས་བཀང་།།
少年我从这里走向富裕
ཤིང་གླང་མའི་རྟ་ཕོ་ཞབས་ལ་བཅིབས།།
跨骑木棍所制的骏马
འུར་གཟི་མོའི་བོའུ་ལོ་སྐེད་ལ་བཏགས།།
背起抛石制成的小枪
བེའུ་རྒོད་པོ་ཚོ་ལ་ཤེད་འཇུ་བྱས།
力斗倔犟傲慢的小牛
ང་བྱིས་པའི་ལང་ཚོ་འདི་ནས་སྨིན།།
少年我从这里走向青春
ཐེ་པོ་པོ་ཟེར་བའི་གླུ་ཞིག་བླངས།།
吟唱妈妈动人的童谣
འབའ་འགོ་མང་ཟེར་བའི་ཆབ་ཞིག་འཕངས།།
玩起深深入迷的儿戏,
འབུ་རོག་རྡི་ཞིག་ལ་ཁ་བརྡ་བྱས།།
对话通达人心的虫儿,
ང་བྱིས་པའི་བློ་རིག་འདི་ནས་རྒྱས།།
少年我从这里走向智慧
ཆོས་མ་ཎི་ཡིག་དྲུག་ངག་ལ་ཞུགས།།
口诵六字真言的真谛
བྱམས་སྙིང་རྗེ་ཁ་དན་རྒྱུད་ལ་འདྲེས།།
行践慈悲真诚的善举
སེམས་དུང་ཞེན་ཡུལ་དང་རིགས་ལ་ཐིམ།།
心存故里乡亲的眷恋
ང་བྱིས་པའི་རང་གཤིས་འདི་ནས་ཆགས།།
少年我从这里走向成熟