故乡曲麻莱-尼玛扎西 无损flac下载 mp3下载
故乡曲麻莱-尼玛扎西 在线试听 歌词免费下载
ཕ་ཡུལ་ཆུ་དམར་ལེབ།
故乡曲麻莱
གཞས་ཚིག།རྣམ་རྒྱལ།
词:南加
གཞས་དབྱངས།ཉི་མ་བཀྲ་ཤིས།
曲:尼玛扎西
གཞས་པ།ཉི་མབཀྲ་ཤིས།
演唱:尼玛扎西
ཇོ་བོ་ཞལ་དཀར་སྲིད་པའི་ཁྱོན་ལ་མཛེས།།
རྨ་འབྲི་དར་འབབ་ལྟོ་འགྲོ་བཞིན་དུ་འཁྱུག།
སྡེ་འབངས་བསོད་ནམས་དབྱར་མཚོ་བཞིན་དུ་རྒྱས།།
སྐྱིད་པའི་ཕ་ཡུལ་ཆུ་དམར་གཡང་གི་སྡེ།།
བྲེ་སེར་འབྲོང་དང་ཁ་ཀར་རྐྱང་རྒོད་ལ།།
རྒོད་པོ་གཙོས་དང་རྟ་ནོར་ལུག་གསུམ་སོགས།།
རི་སྐྱེས་སྲོག་ཆགས་སྒོ་ཕྱུགས་ཁྱིམ་གཞི་ཞེས།།
སྙན་པའི་གྲགས་པ་ཁ་བའི་ལྗོངས་ལ་ཁྱབ།།
ཨ་ཆེན་གངས་དང་ཁུ་ནུ་གདང་ལ་སོགས།།
རི་བོ་ཆེ་ཆུང་མུ་འབྲེལ་བཞིན་དུ་རྒྱུད།།
ཡན་ལག་བརྒྱད་ལྡན་ཆུ་བོ་འདི་ནས་འབབ།།
སྐྱིད་པའི་ཕ་ཡུལ་ཆུ་དམར་ཡུལ་འདི་མཛེས།།
ས་ལ་དགེ་བཅུ་འཛོམས་པའི་བཀྲ་རེ་ཤིས།།
མི་ལ་མཐུན་སྒྲིལ་ལྡན་པའི་དོན་རེ་འགྲུབ།།
བཀྲ་ཤིས་གཡང་གིས་ཁྱབ་པའི་ཡུལ་སྡེ་འདི།།
སྐྱིད་པའི་ཡུལ་ཆུ་དམར་ཡུལ་ཞེས་འབོད།