龙头琴-黑土地组合 无损flac下载 mp3下载
龙头琴-黑土地组合 在线试听 歌词免费下载
མངའ་རིས་སྒྲ་སྙན།
གཞས་ཚིག སྨན་བླ་སྐྱབས།
གཞས་གདངས སྒྲོལ་མ་སྐྱབས།
གཞས་མཁན ས་ནག་གཞས་ཚོགས།
འབྲོང་ཆུང་དར་མའི་རྭ་ལས་མཆེད་པའི།། མངའ་རིས་སྒྲ་སྙན།
སྒྲ་སྙན་འཁུར་བའི་གནའ་ཡི་བགྲེས་པོ།། ང་ཡི་མེས་པོ།
མེས་པོ་བཞུད་སོང་གླུ་ཆུང་ལུས་སོང་།། མངའ་རིས་སྒྲ་སྙན།
མེས་པོ་བཞུད་སོང་བློ་གཤོགས་ལུས་སོང་།། མངའ་རིས་སྒྲ་སྙན།
མངའ་རིས་སྒྲ་སྙན། སྒང་པ་བོད་ཀྱི་མངའ་རིས་སྒྲ་སྙན།
རྒྱུད་དྲུག་དབྱངས་རྟ་ཕྲ་མོའི་ནང་ལ།། རི་དང་གཙང་པོའི་ང་རོ་འཁོར་ཡོད།།
རྒྱུད་དྲུག་དབྱངས་རྟ་ཕྲ་མོའི་ནང་ལ།། བུ་དང་བུ་མོའི་རྣམ་ཤེས་འཁོར་ཡོད།།
ཨོ་ཧོ ཨོ་ཧོ ཨོ་ཧོ མངའ་རིས་སྒྲ་སྙན།
འབྲོང་ཆུང་དར་མའི་རྭ་ལས་མཆེད་པའི།། མངའ་རིས་སྒྲ་སྙན།
སྒྲ་སྙན་འཁུར་བའི་གནའ་ཡི་བགྲེས་པོ།། ང་ཡི་མེས་པོ།
མེས་པོ་བཞུད་སོང་གླུ་ཆུང་ལུས་སོང་།། མངའ་རིས་སྒྲ་སྙན།
མེས་པོ་བཞུད་སོང་བརྩེ་བ་ལུས་སོང་།། མངའ་རིས་སྒྲ་སྙན།
མངའ་རིས་སྒྲ་སྙན། སྒང་པ་བོད་ཀྱི་མངའ་རིས་སྒྲ་སྙན།
རྒྱུད་དྲུག་དབྱངས་རྟ་ཕྲ་མོའི་ནང་ལ།། དར་བའི་དུས་ཀྱི་མངའ་ཐང་འཁོར་ཡོད།།
རྒྱུད་དྲུག་དབྱངས་རྟ་ཕྲ་མོའི་ནང་ལ།། རྒུད་པའི་དུས་ཀྱི་སྐྱོ་བ་འཁོར་ཡོད།།
ཨོ་ཧོ ཨོ་ཧོ ཨོ་ཧོ མངའ་རིས་སྒྲ་སྙན།