明月相思-泽仁伍波 无损flac下载 mp3下载
明月相思-泽仁伍波 在线试听 歌词免费下载
词:民间
曲:民间
编曲:东子
ཚིག དམངས་ཁྲོད།
དབྱངས། དམངས་ཁྲོད།
ཨ་རོགས་ལ་ཡེ།
ཤར་ཕྱོགས་རི་བོའི་རྩེ་ནས་
ཨ་རོགས་ལ་ཡེ།
དཀར་གསལ་ཟླ་བ་ཤར་བྱུང་།
བྱུང་ཡག་རེ་ལོ།
དཀར་གསལ་ཟླ་བ་ཤར་དུས།
དྲིན་ཆེན་ཕ་མ་དྲན་བྱུང་།
དྲིན་ཆེན་ཕ་མ་དྲན་དུས།
མིག་མཐའ་མཆི་མས་གང་བྱུང་།
ཨ་རོགས་ལ་ཡེ།
ཕར་ཕྱོགས་མཚོ་ཡི་ཁ་ནས་
ཨ་རོགས་ལ་ཡེ།
ཆུ་འཛིན་མེ་ཏོག་འཁྲིགས་བྱུང་།
བྱུང་ཡག་རེ་ལོ།
ཆུ་འཛིན་མེ་ཏོག་འཁྲིགས་དུས།
ཆུང་འདྲིས་བྱམས་པ་དྲན་བྱུང་།
ཆུང་འདྲིས་བྱམས་པ་དྲན་དུས།
ཡིད་ལ་འཁོར་འཁོར་ཤར་བྱུང་།།
ཨ་རོགས་ལ་ཡེ།
མཛེས་པའི་སྤང་ཐང་ཁ་ལ།
ཨ་རོགས་ལ་ཡེ།
ཁ་བ་མར་མར་འབབ་བྱུང་།
བྱུང་ཡག་རེ་ལོ།
ཁ་བ་མར་མར་འབབ་དུས།
མཛེས་པའི་ཕ་ཡུལ་དྲན་བྱུང་།
རང་གི་ཕ་ཡུལ་དྲན་དུས།
ཡིད་དུ་ལོག་སོང་བསམ་བྱུང་།